专业音乐搜索

Eminem-Sing For The Moment(remix) - ZAMCHU/mcj.mp3

Eminem-Sing For The Moment(remix) - ZAMCHU/mcj.mp3
Eminem-Sing For The Moment(remix) - ZAMCHU/mcj
[00:00.000] 作词 : ZAMCHU/m...
[00:00.000] 作词 : ZAMCHU/mcj
[00:01.000] 作曲 : ZAMCHU/mcj
[00:02.000] 编曲 : mixtape
[00:22.923]zamchu/རྩམ་ཕྲུག;
[00:23.424]ཁྱད་མཚར་རེད་དངོས་གནས་དགའ་པོ་མེད་པའི་ལས་ཀའི་དོན་དུ་དུས་ཚོད་འཕྲོ་བརླག་བཏང་དགོས་ཀྱིས།
[00:27.173]བགད་མོ་བགད་འདོད་མེད་པའི་མི་ཞིག་ལ་འཛུམ་འཚེར་འཚེར་བྱེད་དགོས་ཀྱིས།
[00:30.174]མཚམས་མཚམས་ངས་ང་རས་ང་རང་ལའང་དོགས་པོ་སྐྱེས་ཀིས
[00:32.924]ཁ་པར་ནང་གི་རོགས་པར་ཡིད་ཆེས་མིན་འདུག
[00:34.674]དེབ་ནང་ལ་སྐྱག་རྫུན་རེད་ཤག ཕུགས་བསམ་ནི་ཁྲམ་པ་རེད་ཤག
[00:36.924]དཀའ་ལས་ག་ཚོད་བརྒྱབ་ནའི་གྲུབ་འབྲས་ནི་མཐོང་རྒྱུ་མིན་འདུག
[00:39.174]ལས་དབང་དེ་དངོས་གནས་ཁྱད་མཚར་པོ། ཀང་འཛུགས་ནས་ཀྱག་ཀྱག་བྱེད་ཀྱིས།
[00:42.174]ལས་ཀ་ཆོ་མེད་ཚང་མ་ངར་འཕྲད་བྱས་བསྡད་ཀྱིས།
[00:46.925]སྤྱི་ཚོགས་འདི་རྫབ་དོང་རེད་བཞག མི་ཚང་མ་གདོན་འདྲེ་རེད་བཞག
[00:49.174]ངའང་དེ་ནང་གི་ཚུད་ནས་བསྡད་བཞག གཞས་མ་གཏམ་དེ་སྐྱག་རྫུན་རེད་བཞག
[00:51.925]སྐད་ཆ་བཤད་པ་ནང་བཞིན་རེད་ཤག
[00:53.675]བོད་སྐད་བཤད་ན་ཉན་པོ་མིན་འདུག བོད་ཡིག་སྦྱངས་ན་མདུན་ལམ་མིན་འདུག
[00:56.675]དེ་ཚོ་བེད་སྤྱོད་ཉུང་ཉུང་རེད་བཞག ཁོ་ཚོ་ཨམ་ཇི་བསྟན་ཡག་རེད་བཞག
[00:58.424]ཁོ་ཚོས་ཏན་ཏན་ད་ག་བསམ་བཞག
[01:01.175]ང་ཁོ་ཚོར་ཧང་སངས་ཀྱིས། གཟིག་ལྤགས་དང་སྟག་ལྤགས་གྱོན་པའི་བོང་བུ་རྐྱང་དཀར།
[01:04.425]ང་ཁོ་ཚོར་ཧ་ལས་ཀྱིས། ཁྲོན་པའི་ནང་གི་མཐོང་རྒྱ་ཐོས་རྒྱ་མེད་པའི་སྦལ་པ། ཡའ།
[01:07.926]~~~~~~
[01:27.427]T-zd/རྩམ་ཕྲུག;
[01:28.677]སུས་རང་གི་མིག་ཆུ་ཕྱིད་རོགས་བྱས།
[01:30.427]སུས་རང་ལ་ཤ་ཚ་བའི་སེམས་གསོ་བཏང།
[01:31.927]རང་ལ་འཕྲད་པའི་དཀའ་ངལ་དེ་ཚོ་རང་ཡོད་པའི་སྡུག་བསྔལ་དེ་ཚོ།
[01:34.427]རང་གི་སེམས་ནང་གི་སྟོབས་ཤུབས་ལ་བཞག
[01:36.680]རང་ལ་བྱུང་བའི་ཕོག་གདུང་དེ་ཚོ། རང་ལ་འཕྲད་པའི་རྒྱབ་གཏོད་དེ་ཚོ།
[01:38.428]རང་གི་མེ་ཚེའི་སློབ་སྦྱོང་ལ་རྩིས།
[01:40.177]ངས་མི་ཚོའི་ལྟ་སྟངས་བཤད་སྟངས་འོག་ནས་མགོ་མ་སྒུར།
[01:42.678]ངས་ཀྱག་ཀྱོག་ཀྱི་མེ་ཚེར་རང་གིས་རང་ལ་སྒྲུང་ཞིག་བྲིས།
[01:44.679]ངས་ཉན་མཁན་མེད་པའི་གཞས་མ་གཏམ་དེ་ཡང་བསྐྱར་གཅིག་སྟོན།
[01:47.928]མི་ཤི་ཁྱིམ་སྟོང་གནས་ལ་འགྱུར་ནའི་ཕུགས་བསམ་མ་གྲུབ་ལོག་མི་སྲིད།
[01:50.678]མཐོང་ཆུང་འཕྱ་སྨོད་ག་རེ་ཡིན་ནའི་གོམ་མཚམས་འཇོག་པའི་བསམ་བློ་མེད།
[01:52.678]ནམ་ཞིག་ལམ་སློང་མ་ཡོང་ནའི་འགྱོད་པ་སྐྱེ་བའི་གྲ་སྒྲིག་མེད།
[01:55.929]ཕ་ཡུལ་དང་ཕ་མ་ས་ཐག་རྒྱང་བྱས་རྒྱུས་མེད་ལུང་པར་སྡུག་པོ་མཐོང་།
[01:58.929]དགའ་སྐྱོ་ཆགས་སྡང་སེམས་ཀྱི་ཚོར་བྱས་གཟུགས་རིས་ཡི་གེའི་རི་མོར་ཕབ།
[02:01.592]པད་ལད་ཆེ་བའི་གཞས་པ་གཞས་མར་ཟུར་ཟའི་ཚིག་གི་མདའ་མོ་འཕེན།
[02:05.341]ཕུགས་བསམ་བདེན་དོན་འགན་འཁྲི་བསམ་བྱས་ཡང་བསྐྱར་འཚོ་བའི་ལམ་ལ་ཆས།
[02:08.093]གཞས་མ་གཏམ་དེ་ངའི་སྤོབས་པ། གཞས་མ་གཏམ་དེ་ངའི་རྣམ་འགྱུར།
[02:11.342]གཞས་མ་གཏམ་དེ་འགྱུར་ཐབས་མེད་པའི་ངའི་སེམས་ནང་གི་དད་པ།
[02:14.093]“པའ་ལའ་པའ་ལའ”གཅིག་བཤད་གཉིས་བཤད་མཁན་མུ་མཐུད་ང་ལ་བགད་མོ་བགད་ཞིག
[02:16.343]གཞས་མ་གཏམ་དེའི་བཏང་སྟངས་བཏང་ལུགས་རང་གིས་ང་ལ་སློབ་གོ་མེད།
[02:18.343]ཆོ་མེད་ཀྱི་ལས་ཀས་འཐུས་ཤོར་བཏང་བྱས་ཕུགས་བསམ་དེ་ལ་ཕྱིར་འབྱོར་ཤོར་སོང་།
[02:21.843]བཏང་ཟིན་པའི་གཞས་ལའང་ད་དུང་མ་གདང་བ་མང་པོ་མཐོང་སོང་།
[02:24.593]རེ་བ་བཅངས་ཡོད། སེམས་ཤུགས་རྒྱབ་ཡོད། སྡུག་རུས་དེ་གའི་བྱེད་རྩིས་ཡོད།
[02:28.594]དོན་སྙིང་བསམ་ཡོད། རིན་ཐང་ལྡན་ཡོད། མུ་མཐུད་ད་དུང་བཏང་རྩིས་ཡོད།
[02:30.844]ད་དེ་རིང་ཐོག་མའི་མཉམ་ལས་ཐོག་ནས་སོ་སོའི་བསམ་སྟངས་བལྟ་སྟངས་བཤད།
[02:33.844]ཕུགས་བསམ་མེད་པའི་མི་དེ་ཚོ་དང་ང་རང་གྲོགས་པོ་སྒྲིག་འདོད་མེད།
[02:36.594]གཞས་དེ་ཡིས་མཉམ་ལས་ཀྱི་མགོ་འཛུགས། རྩམ་ཕྲུག་གི་མིང་དེ་ཆེ་ཙམ་བྲིས།
[02:40.094]གཞས་གསར་པས་ཁོ་ཚོའི་ཁ་དེ་བཀག གད་སྙིགས་དང་ནོར་བུའི་དབྱེ་བ་འབྱེད།
[02:42.345]ངས་བྲིས་པའི་ཡིག་རྙོགས་ནག་པོ། ངས་བཞག་པའི་དམ་བཅའ་བརྟན་པོ།
[02:45.595]~~~~~~~
[03:08.096]mc j:
[03:10.096]ལོ་བརྒྱད་གོང་ལ་བོད་པའི་གཞས་མ་གཏམ་ཐེངས་མ་དང་པོ་གོ་བྱུང
[03:13.096]ལོ་བརྒྱད་གོང་mr jin གཞས་མ་གཏམ་ལྟར་པར་སྦྱངས་པ་ཡིན
[03:16.346]སློབ་ཚན་མ་ཉན་པར་འོག་ལ་ལྐོག་གཞས་མ་གཏམ་ཉན་བྱས་བསྡད་པ
[03:19.097]དགོང་དག་ལ་ཉལ་པར་རྟག་པར་རེ་ཞིག་གཞས་ཚིག་བྲིས་བྱས་བསྡད་པ
[03:22.347]གཞས་སྙན་པོ་ཡོད་ནའི་མེད་ནའི་སློབ་གྲོགས་ཚང་མས་རྒྱབ་སྐྱོར་བྱས
[03:26.097]ཐུགས་རྗེ་གནང་ ད་དུང་ལའི་བུ་ང་ནས་ལམ་ཁག་འདི་སྒང་མུ་མཐུད་ནས་བསྡད་ཡོད
[03:29.346]དེ་ནས་བཟུང་ ཕུགས་བསམ་ལམ་ཁག་སྒང་ལ་སྒོམས་པ་སྤོས
[03:31.597]དཀའ་ངལ་ཚང་མ་ལོག་ཁྱད་བསད་བྱས་ དཀའ་ལས་རྒྱབ་བྱས་གཞས་ཅིག་བཟོས
[03:33.097]ངའི་ཁ་ནས་གཏང་པའི་གཞས་ཚིག་དེ་འཚོ་བའི་ནང་གི་གཞས་ཚིག
[03:35.847]ངས་འཚོ་བར་བཅངས་པའི་ཡིད་ཆེས་དེ་གཞས་མ་གཏམ་བཏང་པའི་གཟི་བརྗིད
[03:39.098]ཕུགས་བསམ་དེ་བརླག་མེད རེ་བ་དེ་ཆད་མེད གཞས་མ་གཏམ་བཏང་བྱས་བསྡད་ཡོད
[03:42.598]སྐྱེས་ས་དེ་བོད་ཡིན ཤི་ས་ལའི་བོད་ཡིན བོད་པའི་དབྱིངས་དེ་བསྡད་ཡོད
[03:45.348]ཆུང་དུས་ནས་ཕྱིན་པའི་ལམ་ཁག་དེ་མི་ཚེའི་ནང་གི་བདམས་ཁ
[03:48.098]མུ་མཐུད་ནས་ཕྱིན་པའི་སེམས་ཤུགས་དེ་བོད་པ་ཡིན་པའི་སྟོབས་ཤུགས
[03:50.347]བྱས་ཙང་ཕུགས་བསམ་ཡོད་ན་དཀའ་ལས་དང་དཀའ་ངལ་གང་འདྲ་འཕྲད་ནའི་སེམས་ཤུགས་མ་ཆགས་མུ་མཐུད་ནས་འབད་བརྩོན
[03:54.098]མི་རིགས་གཞན་དག་གས་འཇོན་ནས་མེད་པར་གདོང་དམར་བོད་པས་མ་འཇོན་པ་མེད་ཙང་ང་ཚོ་ཚང་མ་ཧུར་བརྩོན་
[03:58.599]ཁོ་ཚོས་གས་བལྟས་བསྡད་ ཁོ་ཚོས་གས་བཤད་བསྡད་
[04:00.099]ཁོ་ཚོས་གས་རང་ལམ་ཁག་འདིའི་སྒང་གྲུབ་འབྲས་ཐོབ་ཡས་སྒུག་བསྡད་ཝ་ཡེ་རོགས་པ་ལག་པ་རྐྱངས་དང་སྐད་དེ་རྒྱབ་དང་ས་འོག་གཞས་མ་གཏམ་གྱི་རྣམ་འགྱུར་དེ་བསྟན་དང་
[04:03.099]ཕུགས་བསམ་གྱི་ལམ་ཁར་འདྲ་མ་འདྲ་བཤད་མཁན་མང་པོ་ད་ཡོད་དེ་ལའི་སྣང་བ་ཁོ་རེ་བཏང་གོ་མ་རེད་
[04:10.099]དེ་ལའི་ད་བོད་གཞས་སྙན་ཙམ་ཀློད་བྱས་མ་སྐྱིད་པའི་གནས་ཚུལ་ཕར་ཙམ་དེ་གཡུགས་བྱས་
[04:14.850]ཕུགས་བསམ་དེ་རྒྱབ་ལ་ཁྱེར་བྱས་ང་ཚོ་མཉམ་དུ་མདུན་བསྐྱོད
展开